2018-01-09 There is No Way to Forget

There is No Way to Forget

A glory, unequalled, the king of Shakya

has disclosed the sublime path proper.

In this, next and intermediate stage of lives,

Your kindness is ever unforgettable.

A light of mind; the Sutra and Tantra teachings

has removed away poison alike darkness ignorance.

Whatever stage we are, whether being happy or suffering,

The profound teaching is ever unforgettable from our mind.

The excellent companion, the noble Sanga

have protected (us) from falling into wrong path.

Whatever position we are, whether high or low,

(Sanga) your instruction is ever unforgettable.

By Venerable Khenpo Kalsang Nyima Rinpoche, composed matching with a melody of Tibetan song,

9 Jan 2018.

བརྗེད་ཐབས་མེད། 

དཔལ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེས་ །

དོན་མ་ནོར་ལམ་བཟང་སྟོན་སྟོན་ནས། །

ཚེ་འདི་ཕྱི་བར་དོ་གང་དུ་ཡང་། །

མགོན་ཁྱེད་ཀྱི་བཀྲིན་བརྗེད་ཐབས་མེད། །

ཆོས་མདོ་སྔགས་སེམས་ཀྱི་སྒྲོན་མེ་དེས། །

སྡུག་མ་རིག་མུན་པ་བསལ་བསལ་ནས། །

རང་སྐྱིད་སྡུག་ལེགས་ཉེས་གང་དུ་ཡང་། །

ཆོས་ཟབ་མོ་སེམས་ནས་བརྗེད་ཐབས་མེད། །

གྲོགས་རིག་གྲོལ་འཕགས་པའི་དགེ་འདུན་དེས། །

ལམ་ལོག་པའི་གོལ་ས་སྐྱབས་སྐྱབས་ནས། །

རང་གནས་སྟངས་མཐོ་དམན་གང་དུ་ཡང་། །

གྲོགས་ཁྱེད་ཀྱི་བསླབ་བྱ་བརྗེད་ཐབས་མེད། ། 

སྐལ་བཟང་ཉི་མས་བོད་བཞས་ཤིག་དང་མཐུན་བྲིས། ༩-༡-༢༠༡༨།