2017-06-02 Think for Yourself

རང་བསམ་ཐོངས། 

Think for Yourself

དལ་འབྱོར་རྟེན་བཟང་རྙེད་ཀྱང་། །

Though you have gained a basis of leisure and endowments


བྲེལ་ཟིང་ཚེ་འདིའི་དབང་གིས། །


Due to being engaged with this life

དམ་ཆོས་ཚུལ་བཞིན་མ་འགྲུབ། །


You do not accomplish the Dharma properly


སྐྱོ་བ་ལ། 


How sad

མི་ཚེ་ཕལ་ཆེར་རྫོགས་ཀྱང་། །

Though most of life has passed

ད་དུང་ཡུན་རིང་འདུག་གྲབ། །

Still you think you will live long

འཆི་བ་འོང་སྙམ་མེད་པ། །

And do not recollect death

ཞེད་བ་ལ། 

How scary!

ཡུན་རིང་ཐོས་བསམ་བྱས་ཀྱང་། །

Though you have studied much

རང་བརྒྱུད་ཆོས་དང་མ་འདྲེས། །

Dharma has not merged with your mind

གཞན་ལ་ལམ་སྟོན་བཟོ་སྣང་། །

And you pretend to lead others

ཁྲེལ་བ་ལ། 

How shameful!

དབང་ཁྲིད་གདམས་ཟབ་ཞུས་ཀྱང་། །

Though you have received empowerments and profound instructions

འགྱུར་མེད་དད་པ་མ་སྐྱེས། །

Unwavering faith has not arisen in you

ད་དུང་ལོག་ལྟ་བཀུར་འདེབས། །

Still you have wrong views and deprecate

ནོངས་པ་ལ། 

How mistaken!

རང་བསམ་རང་གིས་བཏང་ནས། །

By thinking for your self

རང་དྲིན་རང་ལ་ཆེ་བའི། །

If you are kind to your self

རང་བརྒྱུད་རང་གིས་ཐུལ་ན། །

And tame your mind

སྐྱིད་པ་ལ། 

How delightful!

རང་དབང་རང་ལ་ཡོད་དུས། །

When you have freedom

རང་སེམས་རང་གིས་སྲུང་ནས། །

And protect your own mind

རང་རིག་རང་སར་གྲོལ་ན། 

If your self awareness dissolves into itself

དགའ་བ་ལ། 

How nice!

སེམས་ཉིད་ཡིད་བཞིན་ནོར་བུ། །

The nature of mind is like a wish fulfilling jewel-

འཛིན་བྲལ་ཆབ་ཀྱིས་ཁྲུས་དང་། །

By washing it with the water of non-grasping

དགོས་འདོད་འབྲས་བུ་སྨིན་ཡོང་། །

All your needs and wishes will fruition

སྙིང་གྲོགས་ལགས། 

Dear friends

བོད་བཞས་ཤིག་དང་མཐུན་པའི་ཚིག་སྐལ་བཟང་ཉི་མས། ༢-༦-༢༠༡༧། 

Lyrics composed by Venerable Khenpo Kalsang Nyima to fit a Tibetan song on June 2nd, 2017.