2017-05-04 The Happiness of Life

The Happiness of Life

སྤྱི་ཚོགས་ནང་དུ་མི་རིགས་འདྲ་མིན་དང་། །ནང་མི་མཛའ་གྲོགས་ལས་རོགས་སྣ་ཚོགས་ལྷན། །འགྲོ་འདུག་སྤྱོད་ལམ་ཀུན་དུ་འགྲོགས་དགོས་པས། །དཀྱིལ་ཆེའི་ལྟ་བས་སྐྱིད་ཤོང་སྡུག་ཤོང་གྱིས། །

In society there are all kinds of people:
Relatives, friends and colleagues join.
Since we must associate in all activities,
With wide understanding, accommodate joy and sorrow.

ཁྱོད་ལ་ཁྱོད་ཀྱི་རིན་ཐང་ལྟ་བ་ཡོད། །ང་ལ་ང་ཡི་དམིགས་འདུན་ཕུགས་བསམ་ཡོད། །གཅིག་པ་མིན་ཀྱང་གཅིག་ཕན་གཅིག་གྲོགས་ཀྱིས། །གུ་ཡངས་ངང་ནས་གུ་དོག་འཁྲིགས་འཛིན་སྤོངས། །

You have your own valuable views.
I have my own hopes and wishes.
These are not the same, yet while benefiting each other,
With an open mind, let go of narrowness and firmness. 

ཁྱོད་ལ་ཁྱོད་ཀྱིས་བྱས་རྗེས་བསྒྲང་རྒྱུ་ཡོད། །ང་ལ་ང་ཡི་འཇོན་ནུས་བཤད་རྒྱུ་ཡོད། །སུ་ལའང་མི་ཚེར་ནོར་འཁྲུལ་མེད་པ་མེད། །ངས་བྱས་ཁོ་ཉེས་ཁོ་ནར་མ་བསྒྲངས་ཤིག །

You have your achievements to enumerate.
I have my own capabilities to speak of.
There is no one who hasn’t done mistakes in life.
Do not only count your actions and others’ wrongdoings.

ཁྱོད་ལ་ཁྱོད་ཀྱི་དགའ་བའི་དངོས་པོ་མང་། །ང་ལ་ང་ཡི་འདོད་པའི་ལོངས་སྤྱོད་མོད། །གཅིག་པ་མིན་ཀྱང་ཕར་རོགས་ཚུར་རོགས་ཀྱིས། །དང་ལེན་ངང་ནས་འཁོན་འཛིན་འཁྲུག་རྩོད་སྤོངས། ། 

You have much enjoyable property.
I have many likeable possessions.
These are not the same, yet while helping each other,
Acceptingly, give up resentment and conflicts.

ཁྱོད་ལ་སྣ་མང་སྡུག་གི་དཀའ་ངལ་ཡོད། །ང་ལ་མི་མཐུན་གནོད་པའི་འགལ་རྐྱེན་མང་། །གཅིག་པ་མིན་ཀྱང་རང་ལ་དཔེ་བཞག་ནས། །གཞན་གྱི་དཀའ་ངལ་སྣང་མེད་མ་བཟོ་ཞིག ། 

You have several saddening troubles.
I have plenty of unfavourable adverse harm.
These are not the same, yet taking oneself as an example,
Do not ignore the hardships of others.

ཁྱོས་ཀྱང་ཁྱོད་རང་བདེ་བོ་བྱུང་ན་བསམ། །ངས་ཀྱང་ང་རང་སྐྱིད་པོ་བྱུང་ན་སྙམ། །དོན་ལ་འུ་གཉིས་བདེ་སྡུག་འདོར་ལེན་ལ། །གཅིག་པ་ཡིན་པས་བདག་གཞན་མཉམ་པ་སྒོམ། །

You think: ‘if only I were happy’.
I also wonder: ‘if only I were glad’.
Actually, as for accepting and rejecting joy and sorrow,
Our wish is identical, so cultivate equanimity of self and others.

ཁྱོད་ཀྱི་བརྩེ་བ་རྐྱེན་གྱིས་འགྱུར་དོགས་མང་། །ང་ཡི་དུངས་བའང་མི་བརྟན་མཐོ་དམན་ཆེ། །འདི་ནི་མི་རྟག་སྒྱུ་མའི་རང་བཞིན་ཏེ། །རྟག་འཛིན་ཞེན་པའི་གཡང་དུ་མ་འཆོང་ཞིག །
Your love encounters many doubts by circumstances.
My affection is greatly unstable in strength.
Since the nature of this is impermanence and illusion,
don’t grasp to permanence and jump into the abyss of desire.

ཐོབ་དང་གོ་གནས་མཐོ་དམན་སྣ་ཚོགས་ཡོད། །རྒྱུ་དང་འབྱོར་པ་ཆེ་ཆུང་སྣ་ཚོགས་ཡོད། །གཟུགས་ལ་མཛེས་སྡུག་སྣ་མིན་སྣ་ཚོགས་ཡོད། །
བདེ་སྡུག་བླང་དོར་འདོད་ལ་ཁྱད་པར་མེད། །

There are various levels of attainments and positions.
There are various amounts of fortune and wealth.
There are various degrees of beauty and ugliness.
As for the wish to accept happiness and reject suffering, there is no difference.

སྐབས་རེར་བསམ་པའི་རེ་བ་འགྲུབ་པ་ཡོད། །སྐབས་རེར་འབད་པ་དོན་མེད་གྱུར་པ་མང་། །སླུ་མེད་ལས་དབང་རྒྱུ་རྐྱེན་སྣ་ཚོགས་ཀྱིས། །བཟང་ངན་སྣ་ཚོགས་བྱུང་བས་སེམས་མ་ཕམ། ། 

At times, hopes get accomplished as wished.
At other times, many efforts turn out futile.
Due to various causes and conditions of undeceiving Karma,
Various good and bad occurs, so don’t be disappointed.

སྔོན་གྱི་ལས་དབང་བག་ཆགས་མི་འདྲ་བས། །བདེ་སྡུག་འབྱོར་ཕྱུག་སྣ་མིན་སྣ་ཚོགས་ཡོད། །དགའ་སྐྱོ་ཆགས་སྡང་འདོད་མོས་སྣ་ཚོགས་ཡོད། །གཅིག་པ་ཡིན་དགོས་སྙམ་ཡང་ཡོང་ཐབས་མེད། །

Because of different previous actions and imprints,
There are all kinds of well-being and wealth.
Despite wishing them to be alike, it’s impossible.

དེ་ཕྱིར་རང་དགོས་དགེ་སྡིག་བྱང་དོར་གྱིས། །གཞན་གྱི་དགའ་མོས་འདོད་པའི་རྗེས་སུ་ཐོངས། །གང་ལའང་རེ་དོགས་ཞེན་པ་མ་ཆེ་བར། །གུ་ཡངས་བློ་བདེ་མི་ཚེའི་བདེ་སྐྱིད་ཡིན། ། 

Therefore, you must train in virtue and reject misdeeds 
And care for the likings and wishes of others.
Without having strong hope, fear nor craving for a thing,
Being open minded and at ease is the Happiness of Life.

སྐལ་བཟང་ཉི་མས། ༤-༥-༢༠༡༧།
Composed by Khenpo Kalsang Nyima on 4th May, 2017.