2016-11-05 Laugh

Laugh 

When you have spare time go to a garden.
Speak joyfully and sing pleasant songs.
Without many thoughts of desire, anger, fear and hope,
The happiness of life is recognising happy times as happy.

If you laugh, it pacifies physical diseases.
If you laugh, it subsides mental difficulties.
If you laugh, it increase others’ peace and happiness.
Therefore, do not forget to smile!

Composed by Khenpo Kalsang Nyima on 5/11/16 

གད་མོ་ཤོར། 

དུས་ཁོམ་ཡོད་ཚེ་སྐྱེད་མོའི་ཚལ་དུ་སོང་། །དགའ་བའི་གཏམ་དང་སྙན་པའི་གླུ་དབྱངས་ལོངས། །ཆགས་སྡང་རེ་དོགས་རྟོག་ཚོགས་མི་མང་བར། །སྐྱིད་དུས་སྐྱིད་ངོ་ཤེས་པ་མི་ཚེའི་སྐྱིད། །

གད་མོ་ཤོར་ན་ལུས་ཀྱི་ན་ཚ་ཞི། །གད་མོ་ཤོར་ན་སེམས་ཀྱི་དཀའ་ངལ་ཞི། །གད་མོ་ཤོར་ན་གཞན་ལ་ཞི་བདེ་སྤེལ། །དེ་ཕྱིར་གད་མོ་བགད་རྒྱུ་མ་བརྗེད་ཨང་། །
སྐལ་བཟང་ཉི་མས། ༥-༡༡-༢༠༡༦།