2016-10-11 Samsara and Nirvana

Samsara and Nirvana

Wherever you go, there is every sort of competition.
Whoever you acquaint with, there is self-victory and other-defeat.
Whatever you do, the concept of I is established.
For those reasons, chaos is the nature of Samsara.

Pacification into space of good, bad, high, low, fear and hope.
Self-purification of effort and elaborated characteristics.
Effortless, self originated, spontaneous great bliss.
For those reasons, Nirvana is said to be great peace.

By ignorance of not knowing that before, you circle in Samsara.
Now, due to the Lama’s kindness, you have found a good path.
From now onwards until death is met,
Engage earnestly in the Holy Dharma!

Lyrics and melody composed by Khenpo Kalsang Nyima on the 11th of October, 2016.

འཁོར་བ་དང་མྱང་འདས། 

གང་དུ་སོང་ན་སྣ་མང་འགྲན་རྩོད་ཡོད། །སུ་དང་འགྲོགས་ནའང་རང་རྒྱལ་གཞན་ཕམ་ཡོད། །ཅི་ཞིག་བྱས་ན་ངར་འཛིན་བཀོད་པ་ཡོད། །དེ་ཕྱིར་གྲ་མ་འགྲིག་པ་འཁོར་བའི་གཤིས། །

བཟང་ངན་མཐོ་དམན་རེ་དོགས་དབྱིངས་སུ་ཞི། །འབད་རྩོལ་སྤྲོས་པའི་མཚན་མ་རང་སར་དག །རྩོལ་མེད་རང་བྱུང་བདེ་ཆེན་ལྷུན་གྱིས་གྲུབ། །དེ་ཕྱིར་མྱང་འདས་ཞི་བ་ཆེན་པོར་བཤད། ། 

དེ་སྔོན་མ་ཤེས་རྨོངས་པས་འཁོར་བར་འཁོར། །ད་རེས་བླ་མའི་དྲིན་གྱིས་ལམ་བཟང་རྙེད། །ད་ནི་བཟུང་སྟེ་འཆི་ལ་ཐུག་གིས་བར། །དམ་པའི་ཆོས་ལ་ནན་ཏན་མཛོད་ཅིག་ཀྱེ། ། 
ཚིག་དང་དབྱངས། སྐལ་བཟང་ཉི་མས། 
༡༡-༡༠-༢༠༡༦།