2016-09-30 Lamp Prayer

Lamp Prayer 

May the lamp vessel become equal to the nature of the sphere of reality.
May the wick become the nature of unified great bliss.
May the complete darkness of ignorance of all beings in the three realms be cleared away by the light radiating from realising the mode of abidance of Mahamudra.

This illuminating lamp of unborn, clear light
I offer with unaltered, unobstructed equality to
The Three Jewels, Three Roots and the ocean of Buddhas.
May the obscurity of hope, fear and dualistic fixation be self-purified.

May the self-arising, self-liberating, unchanging great bliss,
The sphere of uncompounded, all pervading basic space,
The power of the indivisible unification of the four bodies of the Buddha,
Blaze up the splendour spontaneously of the major and minor marks of the Buddhas.

Also this was composed by Khenpo Kalsang Nyima, during the time of offering a hundred illuminating butter lamps and making supplications to The Venerable Arya Tara. 
Through the virtue of writing down whatever has appeared to mind, may the lamp of pristine wisdom be lit in the mental continuum of all sentient beings and may it be the cause for being able to vanquish the darkness of illusionary thoughts, 30/9/16.

མར་མེ་སྨོན་ལམ། 

མར་མེའི་སྣོད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་མཉམ་པར་གྱུར་ཅིག སྡོང་བུ་ནི་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཅིག འོད་ཀྱིས་ཁམས་གསུམ་འགྲོ་བ་ཀུན་གྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་མངོན་དུ་འགྱུར་བར་གྱུར་ཅིག

འོད་གསལ་སྐྱེ་མེད་སྣང་གསལ་སྒྲོན་མེ་འདི། །མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ། །མ་བཅོས་ཟང་ཐལ་མཉམ་ཉིད་ངང་དུ་འབུལ། །རེ་དོགས་གཉིས་འཛིན་མུན་པ་རང་སར་དག །
རང་ཤར་རང་གྲོལ་འགྱུར་མེད་བདེ་བ་ཆེ། །གཞི་དབྱིངས་ཁྱབ་གདལ་འདུས་མ་བྱས་པའི་དབྱིངས། །ཟུང་འཇུག་སྐུ་བཞི་འདུ་འབྲལ་མེད་པའི་རྩལ། །ལྷུན་གྲུབ་མཚན་དཔེའི་ལང་ཚོ་འབར་གྱུར་ཅིག ། །།

ཅེས་པ་འདིའང་སྐལ་བཟང་ཉི་མས་རྗེ་བཙུན་འཕགས་མ་སྒྲོལ་མར་སྣང་གསལ་བརྒྱ་མཆོད་འབུལ་བཞིན་གསོལ་བ་འདེབས་སྐབས། གང་ཤར་ཡི་གེའི་རིས་སུ་བཀོད་པའི་དགེ་བས་འགྲོ་བ་ཀུན་གྱི་རྒྱུད་ལ་ཤེས་རབ་ཡེ་ཤེས་ཀྱི་སྒྲོན་མེ་འབར་ཏེ་འཁྲུལ་སྣང་རྟོག་ཚོགས་ཀྱི་མུན་པ་ཀུན་བཅོམ་ཐུབ་པའི་རྒྱུར་ཅིག་གུ ། ༣༠-༩-༢༠༡༦།